འོག་གི་གནས་ཚུལ་ཡིག་རྒྱུགས་དེ་ལྷག་ཞིནམ་ལས་ དེ་ནང་ལུ་ སྔོན་འཇུག་བ་གིས་མིང་གཞི་ཁ་སོ་སོ་ལུ་འཇུག་སྟེ་ཡོད་མི་ཚུ་ངོས་འཛིན་འབད་དེ་བྲིས། དེ་གི་ཤུལ་ལས་ ཚིག་དེ་ཚུ་བཙུགས་ཏེ་ ཡིག་རྒྱུགས་དོན་མཚམས་གཅིག་བྲིས།
སྔོན་འཇུག་ བ་ གི་ མོ་ལ་འཇུག་ཚུལ།
བཅུག། བསྐྱེད། བཀོད། བདག་དབང། བརྟན། བསག། རང་བཞིན། གྲོས་བསྟུན། བརྒྱ་ཆ། བརྕི་མཐོང། སྦྱོང་བརྡར། བསྐྱར་ཞིབ། བརྒལ། བགྲོད། གོ་བཤལ། བཀྲམ་སྤེལ།
༉ ང་བཅས་ར་ལཱ་ག་ཅི་ར་འབད་རུང་ ཆ་རོགས་དང་གཅིག་ཁར་གྲོས་བསྟུན་འབད་དེ་འབད་བ་ཅིན་ལཱ་འདི གྲུབ་འབྲས་ཅན་སྦེ་འཐོན་ནི་འདི་ འཇིག་རྟེན་གྱི་རང་བཞིན་གཅིག་ཨིན། མ་གཞི་ལཱ་འདི་ག་བཟུམ་འབད་ན་ འབད་ཐང་གི་བདག་དབང་རང་རུ་ཡོད་རུང་ གྲོས་བསྡུར་གྱི་ཐོག་ལས་འབད་བ་ཅིན་རང་གི་རེ་བ་བསྐྱེད་མི་འདི་ མ་སྒྲུབ་པའི་དཔེ་མི་སྲིད།
འདི་ཡང་ Robert Maciver ཀྱི་བཀོད་དོ་བཟུམ་འབད་བ་ཅིན་ མི་སྡེ་ནང་བསྟུན་འགྲིས་ཀྱི་ཐོག་ལས་ལཱ་འབད་བ་ཅིན་བརྒྱ་ཆ་ ༨༠ དེ་གཅིག་ དཀའ་ངལ་ག་བཟུམ་འབྱུང་རུང་ གདོང་ལེན་འབད་ཚུགས་ཟེར་ཨིན་མས། འདི་མ་ཚེད་ བསྟུན་འགྲོས་དང་མཐུན་ལམ་འདི་ ད་རེས་ཀྱི་གནས་སྟང་ནང་ ཁག་ཆེ་ཤོས་གཅིག་ཨིནམ་ལས་ ང་བཅས་ཀྱི་ལྟ་བ་འདི་ལུ་ བརྕི་མཐོང་དང་ཡིད་ཆེས་བསྐྱེད་དེ་ན་གཞོན་ཚུ་ཡང་འདི་གི་ རྗེས་སུ་འཇུག་བཅུག་དགོཔ་ཨིན།
སློབ་གྲྭ་དང་ཤེས་རིག་གི་ལམ་ལུགས་ནང་ཡང་ མཁས་དབང་གི་ གྲོས་སྟུན་ཁག་ཆེཝ་ལས་བརྟེན་ སློབ་སྟོན་གྱི་དམིགས་དོན་བསྒྲུབ་ཐབ་ལུ་ སློབ་ཕྲུག་ཚུ་སློབ་ཁང་ནང་བསྡུ་ཏེ་ སྡེ་ཚན་ནང་བཞག་དགོཔ་སྦེ་ སློབ་དཔོན་དམངས་ལུ་ སྦྱོང་བརྡར་ཡང་བྱིན་ཏེ་ཡོདཔ་ཨིན། ཐབས་ལམ་འདི་ལས་བརྟེན་ སློབ་ཕྲུག་ཚུ་ཡང་ ཉིན་སྟར་གྱི་སློབ་སྟོན་ཚུ་ བསྐྱར་ཞིབ་ཚར་གཅིག་ལས་བརྒལ་མ་འབད་རུང་རྒྱུད་ལུ་ཡོན་ཏན་ཚུ་ཡུན་བརྟན་སྦེ་གནས་ཚུགསཔ་ཨིན།
ཨིན་རུང་ ད་རེས་དུས་འགྱུར་བའི་བགྲོད་ཀྱི་ ཟས་དང་ཡོན་ཏན་ཚུ་གོ་བཤལ་རྐྱབ་ནི་མེན་པར་ རྗས་ངན་དང་མ་བདེན་པའི་གཏམ་ཚུ་ བཀྲམ་སྤེལ་འབད་སའི་དུས་ཨིནམ་ལས་ ཚོགས་དང་བསོད་ནམས་བསག་ནི་ཚབ་ལུ་སྡིག་པ་བསག་པའི་གཞི་ངོ་མ་གཅིག་ཨིན་མས།
Comments
Post a Comment