གན་རྒྱ།

༉ ད་ལན་ བཀྲ་ཤིས་སྒང་རྫོང་ཁག་ ཕོང་མེ་རྒེད་འོག་ གཡུས་ཕིམ་སོང་ལས་ ངོ་སྤོད་ལག་ཁྱེར་ཨང་ ༡༡༥༠༩༠༠༥༢༥༦ ཅན་མ་ ངོ་མིང་ཚེ་རིང་རྒྱལ་པོ་དང་ ཞལམ་སྒང་རྫོང་ཁག་ གཡུས་བར་ཏི་ལས་ངོ་མིང་ཆོས་སྐྱིད་དབངམོ་གཉིས་ཀྱི་ གཉེན་ཡ་འབྲེལ་གྱི་གན་ཡིག་བཟོ་ཡོད།


དེ་ཡང་ ཆོས་སྐྱིད་དབངམོ་དང་ཚེ་རིང་རྒྱལ་པོ་གཉིས་ཀུ་ གཉེན་སྦྱོར་འབད་དེ་ ལོ་ངོ་༡་ལྷག་ཙམ་ཅིག་སོང་བའི་ཤུལ་མ་ ཨམ་སྲུ་ཆོས་སྐྱིད་དབང་མོ་གིས་ ཚེ་རིང་རྒྱལ་པོ་ལུ་ རྨགཔ་གི་མནོ་བསམ་མ་གཏང་པར་ མོ་གིས་ ཨ་རོགས་དགའ་རོགས་ སངས་རྒྱས་ཕྲིན་ལས་ འཚོལ་ཡོདཔ་ མིག་མཐོང་ལག་བཟུང་དང་འཛོམས་དཔང་བཅས་མཐོང་ནུག།


དེ་འབད་ནི་འདི་གིས་ རྨགཔ་ཚེ་རིང་རྒྱལ་པོ་གིས་ ཨམ་སྲུ་ ཆོས་སྐྱིད་དབངམོ་འདི་ དམ་ཚིག་མེད་པའི་མི་གཅིག་ཨིནམ་ལས་ ཁོ་གིས་གཉེན་ཡ་འབྲལ་འབད་ནི་ རེ་ཐག་ཆོད་དེ་ གཞུང་གི་ཁྲིམས་ལུགས་དང་འཁྲིལ་ཏེ་ཁ་བྱལ་ཡོདཔ་ཨིན།


ཕྱིན་ཆད་ད་ལས་ཕར་ གཅིག་གིས་གཅིག་ལུ་ ཉོགས་བཤད་སྤུ་བཟུམ་ཅིག་ཡང་སླབ་མི་ཆོག། གལ་སྲིད་ཉོགས་བཤད་རེ་འབྱུང་ན་ ག་གིས་ཧོངས་ལས་འཐོན་མི་ལུ་འབའ་དང་ཉེས་རྒྱ་ཚུ་ ཁྲིམས་གཞུང་་འཁིལ་ཏེ་ཕྱག་ཕྱིད་ཞུ་ནི་ཨིན། ཞེས་རང་ལུགས་གནམ་ལོ་ ཤིང་མོ་སྦྲུལ་ལོ ཟླ་ ༣ པའི་ཚེས་༢༢་ འམ་སྤྱི་ཚེས་ ༡༦/༠༥/༢༠༢༥ ལུ།




༡་ འཇིགས་མེད་བསྟན་འཛིན་གི་རྟགས།


༢་ འཇིགས་མེད་བསྟན་འཛིན་གི་རྒྱབ་མི་ཆོས་སྐྱིད་དབང་མོ་གི་རྟགས། 


༣་ བསོད་ནམས་དབང་ཕྱུག་གི་རྟགས། 


༤་ བསོད་ནམས་དབང་ཕྱུག་གི་རྒྱབ་མི་ དབྱགས་ཅན་སྒྲོལ་མ་གྱི་རྟགས།


༥་ སྤྱི་རུབ་ཀྱི་འཛོམས་དཔང་ ཚེ་རིང་ཆོས་སྐྱིད་རྡོ་རྗེ་གི་རྟགས།


 

Comments

Popular posts from this blog

Learning by Doing and Talking: How Piaget and Vygotsky Still Shape Our Classrooms Today

Maslow’s Hierarchy of Needs: A Foundation for Learning Readiness

Reading is an important ladder to become a better writer and communicator